ང འི ་སྐོར།

ང་ནི་ཧྥ་རན་སིའི་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བོད་རིགས་དྲ་རྒྱའི་ཁེ་ལས་པ་ཞིག་ཡིན་།

ངས་ཡོ་རོབ་ནང་གི་ཚོང་ལས་ཁུངས་ཚོར་དྲ་རྒྱའི་ཞབས་ཞུ་སྒྲུབ་ཀྱི་ཡོད། ད་ལྟའི་བར་དུ། ངས་ཕ་རནསི་དང་ཧོ་ལན་ནང་གི་ཚོང་ལས་ཁུངས་ཚོར་དྲ་ཚིགས་མང་པོ་བཟོས་ཡོད་པ་དང་། ཚོང་གི་དཔར་རིས་དང་དཔར་བསྐྲུན་ལས་ཀ་ཡང་བྱས་པ་ཡོད། གཙོ་བོ་ངས་ཟ་ཁང་དང་། བསྐུ་མཉེ་ཁང་ལྟ་བུའི་ཚོང་ལས་ཁུངས་ཚོར་ཞབས་ཞུ་བྱེད་ཀྱི་ཡོད་པས། ཚོང་པ་ཚོས་ཉམས་མྱོང་དང་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་པ་ངས་གསལ་པོ་ཤེས་ཀྱི་ཡོད། དེ་བས། ངས་དྲ་ཚིགས་བཟོ་བཀོད་དང་ བཟོ་བསྐྲུན་བྱེད་པ་མ་ཟད། ཚོང་ལས་ལ་ཕན་ཐོགས་ཆེ་བའི་ཐབས་ཤེས་དང་ དྲ་རྒྱའི་ཚོང་འབྲེལ་ཐབས་ལམ་ཡང་མཉམ་དུ་བཟོ་སྐྲུན་བྱེད། ངས་ལས་རིམ་རང་བཞིན་བཟོ་བ་དང་། AI ཡི་ཡོ་བྱད་སྤྱོད་པ་བཅས་བྱས་ནས། ཚོང་པ་ཚོར་དུས་ཚོད་ཉུང་བཟོ་དང་། ལས་ཀ་ལེགས་སྤེལ། དང་ཚོང་ལས་ཡར་རྒྱས་ལ་ཕན་ཐོགས་བྱེད་ཀྱི་ཡོད། WordPress དང་ Ecommerce ནས་བཟོ་བཀོད་དང་ ཚོང་པ་མངགས་མཐུན་ཐབས་ཤེས་བར་དུ། ངས་ལག་རྩལ་མཁས་པ་དང་ ཚོང་ལས་ཉམས་མྱོང་གཉིས་མཉམ་བསྡོམས་བྱེད་ཀྱི་ཡོད། ང་ནི་བོད་སྐད། ཨིན་སྐད། ཧོ་ལན་སྐད། དང་ཕ་རནསི་སྐད་བཅས་བཀོལ་ནས་ལས་ཀ་བྱེད་ཐུབ་པས། ས་ཁོངས་དང་ རིགས་ཁྱད་མི་འདྲ་བའི་ཚོང་པ་ཚོ་དང་ལས་ཀ་བྱེད་པར་སྟབས་བདེ་ཡོད། ངས་སྟབས་བདེ་དང་ འགྱུར་བའི་ནུས་པ། དང་གྲུབ་འབྲས་ལ་གཙོ་བོར་བཞག་ནས་ལས་ཀ་བྱེད་ཀྱི་ཡོད།

ངའི་དམིགས་ཡུལ་ནི། ཚོང་ལས་རྣམས་དེང་རབས་ཅན་དུ་བསྒྱུར་ཏེ། ཚད་གཞི་ལྡན་པའི་དྲ་རྒྱ་དང་ མིས་བཟོས་རིག་ནུས་ (AI) ཀྱི་ནུས་པ་བཟུང་ནས། ཚོང་ལས་ཀྱི་འཕེལ་རྒྱས་དང་ཁེ་ཕན་ཡར་རྒྱས་སུ་འགྲོ་བར་བྱེད་རྒྱུ་དེ་ཡིན།

ཉམས་མྱོང་།
འབྲེལ་གཏུགས།

གནས་ཡུལ།

1 Allée Antoine Bourdelle

31770 Colomiers

FRANCE

སྤྱི་ཚོགས་དྲ་རྒྱ།

Privacy Preference Center