Tibetan Tara Massage
April 2, 2026
བུ་བསྟན་འཛིན་ཡོན་ཏན་ལགས་ནི་མི་གཤིས་ཀུན་སྤྱོད་བཟང་ལ་ངང་རྒྱུན་རིང་བ། དེང་དུས་ཀྱི་སློབ་སྦྱོང་ཚད་དང་ལྡན་པ། མི་དང་མིའི་བར་ལ་འབྲེལ་ལམ་མཐུན་ཟབ་ཡོད་པ། ཁོ་རང་གི་དྲྭ་རྒྱ་བཟོས་ནས་ལོ་མང་ཕྱིན་པའི་ཉམས་མྱོང་ཚད་ལྡན་ཡོད་པ། ཁོ་རང་གི་དྲྭ་རྒྱ་བཟོས་པས་ཟ་ཁང་དང་ཚོང་ཁང་སྐུ་བརྙེ་ཁང་སོགས་མང་པོ་ཡོད་པའི་མགྲིན་དབྱངས་གཅིག་གྱུར་གྱི་དགའ་མོས་ཐོབ་པས་བོད་པའི་ན་གཞོན་ཤིས་ཡོན་ཅན་ཞིག་ཡིན། ང་རང་ཁོང་དང་འབྲེལ་བ་བྱུང་ནས་ལོ་ངོ་དྲུག་ཕྱིན་སོང་། ལོ་དེ་དག་གི་ནང་ལ་ངའི་སྐུ་བརྙེ་ཁང་གི་སྤྱི་ཚོགས་དྲྭ་རྒྱའི་ལས་ཀ་ཆེ་ཆུང་མང་པོ་གཅིག་ཁོང་ལ་བསྐུར་དགོས་བྱུང་ཡང་ཁ་འདྲེ་གཅིག་ཀྱང་མེད་པར་ལས་ཀ་ཡག་པོ་དང་ཚགས་ཚུད་པོ་བྱས་སོང་བཀའ་དྲིན་ཆེ། ཁྱེད་རང་ཚོ་དྲྭ་རྒྱ་བཟོ་དགོས་མཁན་ཡོད་ན་བུ་བསྟན་འཛིན་ཡོན་ཏན་ལ་འབྲེལ་བ་བྱོས་དང་ནམ་ཡང་བློ་ཕམ་དུ་བཅུག་གི་མ་རེད། གོང་ཚད་ཆུང་ཆུང་དང་ལས་ཀ་ཡག་པོ་དགོས་ཡོད་ན་ཁོང་ལ་འབྲེལ་བ་བྱོས།